Butão, Kuensel Online, Inglês

[ad_1]

བཀྲིས་ཕུན་ཚོགས།

༉ བཅུད་དང་ལྡན་པའི་ས་ཞིང་དང་ དཔལ་འབྱོར་གྱི་ གནས་ཚད་ལེགས་ཤོམ་ཡོད་མི་ སྤུ་ན་ཁ་རྫོང་ཁག་ནང་ རྫོང་ཁག་གཞན་ཚུ་ནང་བཟུམ་སྦེ་ གུང་སྟོང་གི་ དཀའ་ངལ་དེ་ཅིག་མེད་རུང་ དུས་ཀྱི་འགྱུར་བ་དང་འཁྲིལ་ གུང་སྟོང་འཐོན་ནི་ འགོ་བཙུགས་ཡི་ཟེར་ཨིན་པས།

འགྱུར་བ་སྦོམ་འོང་མི་དེ་ཡང་ གྲོང་གསེབ་ལས་ ཁྲོམ་ཁ་ལུ་ གནས་སྤོ་འགྱོ་མི་ལུ་བརྟེན་ཨིནམ་ད་ དེའི་གྲས་ལས་ ན་གཞོན་ཚུ་མངམ་སྦེ་ ཐོན་དོ་ཨིན་པས།

སྤུ་ན་ཁ་ལུ་ རྒེད་འོག་༡༡ ག་རའི་ནང་ སྣུམ་འཁོར་ལམ་གྱི་མཐུན་རྐྱེན་དང་ ཡོངས་འབྲེལ་ཨིན་ཊར་ནེཊ་ དེ་ལས་ འགྲུལ་འཕྲིན་གི་ གཞི་རྟེན་མཐུན་རྐྱེན་ཞབས་ཏོག་ཚུ་ ཁྱབ་སྟེ་ཡོད་རུང་ གུང་སྟོང་མཐོ་ཤོས་ར་ ཤེལ་རྔ་སྦྱིས་མེད་རྒེད་འོག་དང་ རྟ་ལོག་རྒེད་འོག་ དེ་ལས་ བརཔ་རྒེད་འོག་༣ ཨིན་པས།

བརཔ་རྒེད་འོག་ནང་ གུང་སྟོང་༢༢ ཐོན་མི་དེ་ མཐོ་ཤོས་དང་ དེ་གི་འོག་ལས་ རྟ་ལོག་རྒེད་འོག་ནང་ གུང་སྟོང་༡༥ འཛོམས་མི་རྒེད་འོག་ནང་ གུང་སྟོང་༤ དེ་ལས་ གླིང་མུ་ཁ་རྒེད་འོག་ནང་ ད་ལྟོ་ཚུན་ གུང་སྟོང་༣ ཐོན་ཡོདཔ་ཨིན་པས།

དཀར་སྦྱིས་རྒེད་འོག་གི་ རྒཔོ་བསོད་ནམས་རྡོ་རྗེ་གིས་ ད་ལྟོ་ཚུན་ སྤུ་ན་ཁ་རྫོང་ཁག་ནང་ གུང་སྟོང་གི་དཀའ་ངལ་སྦོམ་མེད་རུང་ མི་རློབས་མངམ་གིས་ གནས་སྤོ་འགྱོ་བའི་དཀའ་ངལ་ལུ་བརྟེན་ གུང་སྟོང་གི་དཀའ་ངལ་ འཐོན་སྲིད་ནི་མས་ཟེར་ ཚ་གྱང་ཡོད་ལུགས་ཚུ་ སླབ་ཨིན་པས།

རྒཔོ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ ན་གཞོན་ཚུ་གིས་ ཤེས་ཡོན་ལྷབ་སྦྱང་འབད་བར་ ཕྱིའི་རྒྱལ་ཁབ་ཚུ་ནང་ འགྱོ་མི་དང་ ལ་ལོ་ཅིག་གིས་ ཕམ་རྒན་རྒས་ཚུ་ གཡུས་ཁ་བཞག་སྟེ་ གོ་སྐབས་ལེགས་ཤོམ་འཚོལ་བར་ ཁྲོམ་ཁ་ལུ་ འགྱོ་མི་ དེ་ལས་ གཡུས་ཁ་སྡོད་མི་ ཕམ་དང་ སྤུན་ཆ་ཚུ་གིས་ཡང་ ཨ་ལོ་ཚུ་གི་རྟིང་བདའ་སྟེ་ འགྱོ་བའི་གནས་སྟངས་དང་བསྟུན་ འགྱུར་བ་སྦོམ་སྦེ་ར་ འོང་དོ་ཟེར་ཨིན་པས།

གལ་སྲིད་ ན་གཞོན་ཚུ་གིས་ རེ་འདོད་འགྲུབ་ནི་དང་ འགྱུར་བའི་གནད་དོན་མར་ཕབ་འབད་དགོ་པ་ཅིན་ རྒེད་འོག་ནང་ར་ གོང་འཕེལ་གྱི་ལས་སྣ་དང་ ཉེར་བར་མཁོ་བའི་གཞི་རྟེན་མཐུན་རྐྱེན་དང་ ཞབས་ཏོག་ཚུ་ གཞི་བཙུགས་འབད་དགོཔ་འདུག་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།

རྟ་ལོག་རྒཔོ་ རིན་འཛིན་དབང་ཕྱུག་གིས་ སླབ་མིའི་ནང་ ཁྱིམ་སྒོ་བསྡམས་མི་དང་ ལྡེ་མིག་རྐྱབ་སྟེ་ ལོ་ལང་མི་དེ་ མི་ཚུ་གིས་ ལོ་བསྟར་གྱི་ཚེས་བཅུ་དང་ རིམ་གྲོ་འབད་བར་འོང་པའི་སྐབས་ལུ་རྐྱངམ་གཅིག་ སྒོ་ཕྱེ་བའི་གནས་སྟངས་ནང་ ལྷོད་དེ་ཡོད་ཟེར་ཨིན་པས།

དེ་གིས་སྦེ་ གུང་སྟོང་ཨིན་ཟེར་ ངོས་ལེན་འབད་དོ་ཡོདཔ་ལས་ ད་རེས་ རྟ་ལོག་རྒེད་འོག་ནང་ གུང་སྟོང་ཐོན་མི་༡༥ ཡོདཔ་ད་ གུང་སྟོང་ཨིན་ཟེར་ ངོས་ལེན་འབད་མི་དེ་ཡང་ གལ་སྲིད་ ཁྱིམ་སྒོ་བསྡམས་བཞག་སྟེ་ ཟླཝ་༦ ལས་བརྒལ་ ལང་སོ་པ་ཅིན་ བརྩི་འཇོག་འབདཝ་ཨིན་ཟེར་ རྒཔོ་རིན་འཛིན་དབང་ཕྱུག་གིས་ སླབ་ཨིན་པས།

ང་རའི་རྒེད་འོག་ནང་ གུང་སྟོང་ཐོན་མི་ཚུ་ལུ་ ས་གནས་ཐདམ་ཐད་ཁ་ལས་ཕར་ ས་དང་ཁྱིམ་ དེ་ལས་ གཞི་རྟེན་མཁོ་ཆས་ཚུ་ཡོདཔ་ལས་ ལོ་༡ ནང་ ཚེས་བཅུ་དང་ ལོ་མཆོད་གཏང་པར་འོངམ་ད་ལས་བརྒལ་ འཕྱད་མི་ཚུགས་པས་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།

གླིང་མུ་ཁ་རྒཔོ་ བསོད་ནམས་སྟོབས་རྒྱས་དང་འཁྲིལཝ་ད་ མ་གཞི་ རྒེད་འོག་ནང་ མི་སེར་མངམ་གིས་ར་ ལོ་ལས་ལྷག་སྟེ་ ཁྱིམ་སྟོངམ་སྦེ་བཞག་རུང་ ཉིནམ་དག་པ་ཅིག་གི་རིང་ གཡུས་ཁར་འོང་སྟེ་ ལོ་ཆོག་གཏང་ནི་དེ་གིས་ གུང་སྟོང་སྦེ་ བརྩི་ནི་མེད་ཟེར་ཨིན་པས།

རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ རྒེད་འོག་༡༡ གི་ སྐམ་ཞིང་དང་ ཆུ་ཞིང་ ཡོངས་བསྡོམས་ས་ཆ་ཨེ་ཀར་༡,༤༥༥ སྟོངམ་བཞག་ནུག་ཟེར་ཨིན་པས།

དང་ཕུའི་ རྒྱལ་ས་ལྟེ་བ་རྙིངམ་ཨིན་མི་ སྤུ་ན་ཁ་རྫོང་ཁག་དེ་ ཕྱིའི་ལྟ་བཤལཔ་ཚུ་འོང་སའི་ ས་ཁོངས་ཅིག་ཨིན་རུང་ ད་རེས་ནངས་པར་ གུང་སྟོང་གི་ དཀའ་ངལ་ཐོན་བཞིན་དུ་ཡོདཔ་ལས་ ཚ་གྱང་ལང་དགོ་པའི་ གཞི་གནད་ལུ་གྱུར་ཡོད་པའི་གནས་ཚུལ།

[ad_2]

Source link

Notícias

Indonésia, Republika, Indonésio

[ad_1] REPUBLIKA.CO.ID, JAKARTA — Direktur Jenderal Bea dan Cukai Kementerian Keuangan Askolani buka suara soal tingginya sanksi administrasi barang impor. Dia menjelaskan besaran sanksi administrasi

Indonésia, Indo Pos, Indonésio

[ad_1] Harianjogja.com, DEPOK—Ombudsman Republik Indonesia (ORI) DIY meminta masyarakat untuk melapor jika menemui tiang-tiang kabel yang tampak semrawut. Laporan-laporan yang datang dari masyarakat ini akan

Hong Kong, South China Morning Post, Inglês

[ad_1] Hong Kong authorities will step up enforcement on illegal ride-hailing services and rogue taxi drivers over the coming Labour Day “golden week” holiday, while

Tailândia, Business Day News, Tailandês

[ad_1] มูลนิธิสุญญตาวิหารเผยหลักสูตรการดับทุกข์สำหรับผู้บริหารระดับสูงรุ่นแรก มีผู้สนใจในช่วงสองอย่างล้นหลาม รองประธานมูลนิธิฯเผยมีทั้งอดีตรัฐมนตรี อดีต สว. และอดีตปลัดกระทรวง สนใจ ชี้หลักสูตรนี้เหมาะกับโลกในยุคปัจจุบัน นายสมชาย เลิศด้วยลาภ รองประธานมูลนิธิสุญญตาวิหาร เปิดเผยว่าด้วยสถานการณ์ปัจจุบันสิ่งที่เกิดขึ้นทั้งในประเทศไทยและในโลก ทั้งปัญหาสังคม ปัญหาเศรษฐกิจ ปัญหาทุกอย่างอีกมากมายที่เกิดขึ้น สำหรับผู้บริหารจะมีการรับรู้และรับผิดชอบมากกว่าบุคคลทั่วไป ทั้งผู้บริหารหน่วยงานภาครัฐ และผู้บริหารหน่วยงานภาคเอกชน โดยทุกข์ที่เกิดขึ้นนั้น เกิดเพราะความรับผิดชอบที่มีต่อตัวเอง หน่วยงานและสังคม รวมถึงประเทศการเป็นทุกข์สำหรับผู้บริหารแล้ว มักจะไม่สามารถบอกหรือปรึกษาใครได้ เพราะความน่าเชื่อถือและความคาดหวังของคนในองค์กร