Butão, Kuensel Online, Inglês

[ad_1]

༉ སྤྱི་ལོ་༢༠༢༣ གྱི་ཟླཝ་༩ པའི་ནང་ འབྲུག་གིས་ འཛམ་གླིང་རིག་རྩལ་ཨེ་ཤི་ཡ་ནང་ འཛུལ་ཞུགས་འབད་མི་དང་འབྲེལ་ རྒྱལ་ཡོངས་རིག་རྩལ་འགྲན་བསྡུར་ནང་ལས་ དྲག་ཤོས་ཐོན་མི་ཚུ་ སང་ཕོད་ལས་འགོ་བཙུགས་ཏེ་ འཛམ་གླིང་རིག་རྩལ་ཨེ་ཤི་ཡ་ནང་ དོ་འགྲན་འབད་ནི་ཨིན་པས།

འགྲན་བསྡུར་གྱི་ གྲ་སྒྲིག་འབད་ནིའི་དོན་ལས་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་གིས་ སྤྱི་ཟླ་༤ པའི་ཚེས་༡༩ ལས་༢༣ ཚུན་ གསར་སྤང་འཇིགས་མེད་དབང་ཕྱུག་གློག་མེ་སྦྱོང་བརྡར་སྤེལ་ཁང་ནང་ རྒྱལ་ཁབ་ནང་ འགོ་དང་པ་ཨིན་མི་ རྒྱལ་ཡོངས་རིག་རྩལ་གྲ་སྒྲིག་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

དྲག་ཤོས་ཐོབ་མི་ཚུ་ རྒྱལ་ཡོངས་བཟོ་རིག་ཉིནམ་ལུ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ ལག་ཤེས་མཁན་ཚུ་གིས་ ཁོ་རའི་ པར་རིས་ཚུ་ འགྲེམས་སྟོན་འབད་ཡོདཔ་ཨིན་པས།

རྒྱལ་ཡོངས་རིག་རྩལ་འགྲན་བསྡུར་ལག་ལེན་ཚོགས་ཆུང་གི་ ཁྲི་འཛིན་ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱལ་ཡོངས་རིག་རྩལ་གྱི་འགྲན་བསྡུར་གྱི་ ཚད་གཞི་དེ་ འཛམ་གླིང་རིག་རྩལ་ཨེ་ཤི་ཡ་འགྲན་བསྡུར་དང་ གཞི་བཞག་སྟེ་ བཟོ་ཡི་ཟེར་ཨིན་པས།

དཔེ་འབད་བ་ཅིན་ འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ཚུ་ཡང་ འཛམ་གླིང་རིག་རྩལ་ཨེ་ཤི་ཡའི་ ཚད་གཞི་དང་འཁྲིལ་ཏེ་ སྐྱེས་ལོའི་ཚད་གཞི་ཡང་ སྐྱེས་ལོ་༡༨ དང་༢༥ འི་བར་ན་ བཟོ་ཡོདཔ་ད་ འཛམ་གླིང་རྒྱལ་སྤྱི་རིག་རྩལ་ཨེ་ཤི་ཡའི་དོན་ལུ་ སྐྱེས་ལོའི་ཚད་གཞི་དེ་ སྐྱེས་ལོ་༢༢ འོང་ནི་མས་ཟེར་ཨིན་པས།

དུས་ཅི་ སྤྱི་ཟླ་༩ པ་ལས་ འབྲུག་གིས་ འཛམ་གླིང་རྒྱལ་སྤྱི་རིག་རྩལ་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནི་ཨིནམ་ད་ གལ་སྲིད་ འཐུས་མི་སྦེ་ འཛུལ་ཞུགས་འབད་ཚུགས་པ་ཅིན་ འཐུས་མི་ཚུ་གིས་ འཛམ་གླིང་རིག་རྩལ་ཨེ་ཤི་ཡ་ལས་ དྲག་ཤོས་འཐོན་པ་ཅིན་ འཛམ་གླིང་རྒྱལ་སྤྱི་རིག་རྩལ་ནང་ དོ་འགྲན་འབད་ཚུགས་ནི་ཨིན་པས།

ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ གཞུང་གིས་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནི་ལུ་ རྒྱབ་སྐྱོར་ཐོབ་སྟེ་ཡོདཔ་ད་ དེ་བཟུམ་མའི་ གོ་སྐབས་ཀྱིས་ ན་གཞོན་ཚུ་ལུ་ དུས་ཚོད་འགྱུར་བཅོས་འགྱོ་མི་དང་འབྲེལ་ དགོས་མཁོ་ཅན་གྱི་ རིག་རྩལ་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།

ཤེས་རིག་བློན་པོ་ ཡིད་བཟང་ཐཱ་པ་གིས་ སླབ་མིའི་ནང་ རྒྱལ་ཡོངས་རིག་རྩལ་འགྲན་བསྡུར་ལས་ ཉམས་མྱོང་ཐོབ་མི་གིས་ འབྲུག་པའི་ན་གཞོན་ཚུ་ རྒྱལ་སྤྱི་འགྲན་བསྡུར་ བཅའ་མར་གཏོགས་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།

རིག་རྩལ་གོང་འཕེལ་དེ་ ལཱ་དང་ དཔལ་འབྱོར་ཡར་དྲག་གཏང་ནི་ ཚོང་འབྲེལ་གཞི་བཙུགས་ཀྱི་ གོ་སྐབས་ཡར་སེང་ དེ་ལས་ ཡུན་བརྟན་ཁེ་ཕན་ལཱ་གཡོག་གི་དོན་ལུ་ གལ་གནད་ཅན་ཅིག་ ཨིན་ཟེར་ཨིན་པས།

འགྲན་བསྡུར་ནང་ ཨམ་སྲུ་༤༦ བརྩིས་ཏེ་ མི་ངོམ་༤༦ གིས་ ཁ་ཟས་བཟོ་ནི་དང་ པག་ཅུ་རྩིག་མི་ ནང་ཆས་བཟོ་ནི་ ལྷ་བྲིས་ པ་ཏྲ་ སྤྲོས་བཟོ་ དེ་ལས་ ཡོངས་འབྲེལ་འཕྲུལ་རིག་དང་ ཚ་ལ་རྐྱབ་ནིའི་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།

དབྱེ་ཁག་རེ་ལས་ ཨང་དང་པ་འཐོན་མི་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༠༠,༠༠༠ དང་ ཨང་པ་༢ པ་ལུ་ དངུལ་ཀྲམ་༧༠,༠༠༠ དེལས་ ཨང་༣ པ་ཐོན་མི་ལུ་ དངུལ་ཀྲམ་༥༠,༠༠༠ བྱིན་ཡོདཔ་ཨིན་པས།

དེ་མ་ཚད་ ཨང་དང་པ་ཐོན་མི་ཚུ་ལུ་ འབྲུག་ཉེན་བཅོལ་ཚད་འཛིན་ལས་ ལོ་༡ གི་རིང་ ལེགས་འབུལ་སློབ་ཕྲུག་གཅེས་སྐྱོང་སྲིད་བྱུས་འཐོབ་ནི་ཨིན་པས།

རྒྱལ་པོའི་ཞིང་བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ལས་ ལོ་ངོ་༣ པའི་སློབ་ཕྲུག་ རྡོ་རྗེ་ཐོགས་མེད་ཀྱིས་ སླབ་མིའི་ནང་ རིག་རྩལ་གྱིས་ ལཱ་གཡོག་ནང་ ཁྱད་པར་བཟོ་ཚུགས་ནི་ཨིནམ་བཞིན་དུ་ ཁོ་གིས་ ཡོངས་འབྲེལ་འཕྲུལ་རིག་ དབྱེ་ཁག་ནང་ལས་ ཨང་དང་པ་ ཐོན་ཡོདཔ་ཨིན་པས།

ད་རེས་ ལཱ་གཡོག་ཚོང་ལམ་དེ་ དོ་འགྲན་ཅན་ཅིག་ཨིནམ་ད་ རང་ལུ་རིག་རྩལ་མེད་པ་ཅིན་ མཐོ་རིམ་ཤེས་ཚད་ཡོད་མི་རྐྱངམ་གཅིག་གིས་ ཁེ་ཕན་ག་ནི་ཡང་ བཟོ་མི་ཚུགས་དོ་ཡོདཔ་བཞིན་དུ་ རིག་རྩལ་དེ་བཟུམ་ ཐོབ་མི་གིས་ རྒྱལ་སྤྱིའི་ནང་ དོ་འགྲན་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ནི་མས་ཟེར་ཨིན་པས།

ཌུ་སི་ཊུ་ཡར་རྒྱས་ནང་ལཱ་འབད་མི་ བི་ཌི་ཡ་ རའེ་གིས་ ཁ་ཟས་བཟོ་ནི་དབྱེ་ཁག་ནང་ལས་ ཨང་དང་པ་ ཐོན་ཡོདཔ་ད་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ འགྲན་བསྡུར་འབད་མི་གིས་ ལྷག་པར་དུ་ རིག་རྩལ་ཐོབ་ནི་ལུ་ ལྷན་ཐབས་ཚུགས་པའི་ཁར་ ང་བཅས་རའི་ རིག་རྩལ་ལུ་ བརྟེན་སྡོད་དགོཔ་ལས་ ང་བཅས་རའི་ རིག་རྩལ་དེ་ རྒྱལ་སྤྱི་དང་ ལུང་ཕྱོགས་ནང་ གསལ་སྟོན་འབད་ཚུགས་ནི་མས་ཟེར་ཨིན་པས།

འཛམ་གླིང་རིག་རྩལ་ཨེ་ཤི་ཡ་དེ་ ཨེ་ཤི་ཡའི་ རྒྱལ་ཡོངས་གནས་ཚད་ལས་ དྲག་ཤོས་ཐོན་མི་ཚུ་ བཅའ་མར་གཏོགས་མི་གི་ ལས་རིམ་ཅིག་ཨིན་པས།

འཛམ་གླིང་རིག་རྩལ་ཨེ་ཤི་ཡ་དེ་ ཁེ་སང་མེད་པའི་ ལས་སྡེ་ཅིག་ཨིན་པའི་ཁར་ ཨེ་ཤི་ཡཱན་འཐུས་མི་རྒྱལ་ཁབ་ནང་ རིག་རྩལ་ལྡན་པའི་ལག་ཤེས་དང་ འཕྲུལ་ཆས་རིག་རྩལ་གོང་འཕེལ་གཏང་མི་ ལས་རིམ་ཅིག་ ཨིན་པའི་གནས་ཚུལ།

 

ཨོ་རྒྱན་རྡོ་རྗེ།

 

[ad_2]

Source link

Notícias

Indonésia, Republika, Indonésio

[ad_1] REPUBLIKA.CO.ID, JAKARTA — Direktur Jenderal Bea dan Cukai Kementerian Keuangan Askolani buka suara soal tingginya sanksi administrasi barang impor. Dia menjelaskan besaran sanksi administrasi

Indonésia, Indo Pos, Indonésio

[ad_1] Harianjogja.com, DEPOK—Ombudsman Republik Indonesia (ORI) DIY meminta masyarakat untuk melapor jika menemui tiang-tiang kabel yang tampak semrawut. Laporan-laporan yang datang dari masyarakat ini akan

Hong Kong, South China Morning Post, Inglês

[ad_1] Hong Kong authorities will step up enforcement on illegal ride-hailing services and rogue taxi drivers over the coming Labour Day “golden week” holiday, while

Tailândia, Business Day News, Tailandês

[ad_1] มูลนิธิสุญญตาวิหารเผยหลักสูตรการดับทุกข์สำหรับผู้บริหารระดับสูงรุ่นแรก มีผู้สนใจในช่วงสองอย่างล้นหลาม รองประธานมูลนิธิฯเผยมีทั้งอดีตรัฐมนตรี อดีต สว. และอดีตปลัดกระทรวง สนใจ ชี้หลักสูตรนี้เหมาะกับโลกในยุคปัจจุบัน นายสมชาย เลิศด้วยลาภ รองประธานมูลนิธิสุญญตาวิหาร เปิดเผยว่าด้วยสถานการณ์ปัจจุบันสิ่งที่เกิดขึ้นทั้งในประเทศไทยและในโลก ทั้งปัญหาสังคม ปัญหาเศรษฐกิจ ปัญหาทุกอย่างอีกมากมายที่เกิดขึ้น สำหรับผู้บริหารจะมีการรับรู้และรับผิดชอบมากกว่าบุคคลทั่วไป ทั้งผู้บริหารหน่วยงานภาครัฐ และผู้บริหารหน่วยงานภาคเอกชน โดยทุกข์ที่เกิดขึ้นนั้น เกิดเพราะความรับผิดชอบที่มีต่อตัวเอง หน่วยงานและสังคม รวมถึงประเทศการเป็นทุกข์สำหรับผู้บริหารแล้ว มักจะไม่สามารถบอกหรือปรึกษาใครได้ เพราะความน่าเชื่อถือและความคาดหวังของคนในองค์กร